
思念随风 Lyrics
- Genre:Pop
- Year of Release:2024
This song is not currently available in your region.
Lyrics
作词 : Double Star
作曲 : Double Star
编曲 : MORROW
Hook
SuoLang
ངའི་དྲན་པ་རླུང་ལ་བསྐུར།
ངའི་དྲན་པ་ཆུ་ལ་བསྐུར།
ངའི་དྲན་པ་རྫ་རི་ན་ཡོད།
ངའི་དྲན་པ་སྤང་རི་ན་ཡོད།
རྒྱང་རིང་ལ་བལྟས་ནས།
ཕ་ཡུལ་དྲན་མདུན་མ་འགོག་ཐབས་མི་འདུག།
ངའི་དྲན་པ་རླུང་ལ་བསྐུར།
ངའི་དྲན་པ་ཆུ་ལ་བསྐུར།
ངའི་དྲན་པ་རྩ་ཐང་ན་ཡོད།
ངའི་དྲན་པ་སྦྲ་ནག་ན་ཡོད
མདུན་མ་ཡི་ཆེད་དུ་མུ་མཐུད་དུ་མདུན་དུ་འགྲོ།
DsoGo
ངའི་སྙིང་གཏམ་གྱི་ཤོག་བུ་དེ་ཆུ་བོ་ལ་བསྐུར།
ངའི་མུན་ནག་གི་སྒྲོན་མེ་དེ་རང་ཉིད་ཡིན་པ་ཤེས།
རང་ཉིད་ཀྱི་འཚོ་བ་རང་ཉིད་ཀྱིས་འཚོལ།
རང་ཉིད་ཀྱི་བདེ་སྐྱིད་རང་ཉིད་ཀྱིས་སྨོན།
སྨོན་ལམ་རེ་རེ་བརྒྱབ་ནས་ས་གང་ལ་སོང་།
དྲན་པ་རེ་རེ་ཁུར་ནས་ཡུལ་གང་ལ་ཆས།
ལམ་སྐྱ་མོའི་བར་གྱི་ཁེར་འགྲོ་བ།
ཡུལ་ལུང་པ་དྲན་ནས་མིག་ཆུ་ཤོར།
མཚན་མོའི་རྨི་ལམ་རྨིས་པ་དེ་ཕྱི་རོལ་དུ་ཁ་བ་འབབ།
ང་རང་བྱིས་ཆུང་འཇོལ་མོ་དང་འདྲ་བར་མགོ་སྒུར་ནས་རྒུམ་བུ་འཚོལ།
ང་རང་དགུན་གསུམ་ཙག་གིས་མ་འཁེང་།
དབྱར་གསུམ་ཆར་བས་མ་ནོན།
ང་རང་གྲེ་སེར་འབྲོང་གི་རྒྱུད་ཡིན།
གདོང་དམར་ཚང་གི་བུ་ཡིན།
Hook
SuoLang
ངའི་དྲན་པ་རླུང་ལ་བསྐུར།
ངའི་དྲན་པ་ཆུ་ལ་བསྐུར།
ངའི་དྲན་པ་རྫ་རི་ན་ཡོད།
ངའི་དྲན་པ་སྤང་རི་ན་ཡོད།
རྒྱང་རིང་ལ་བལྟས་ནས་ཕ་ཡུལ་དྲན་མདུན་མ་འགོག་ཐབས་མི་འདུག།
ངའི་དྲན་པ་རླུང་ལ་བསྐུར།
ངའི་དྲན་པ་ཆུ་ལ་བསྐུར།
ངའི་དྲན་པ་རྩ་ཐང་ན་ཡོད།
ངའི་དྲན་པ་སྦྲ་ནག་ན་ཡོད།
མདུན་མ་ཡི་ཆེད་དུ་མུ་མཐུད་དུ་མདུན་དུ་འགྲོ།
SuoLang
སུ་ཞིག་གི་ལམ་ལ་ཟླ་འོད་གསལ་བོ་ཚེས་སོང་།
སུ་ཞིག་གི་ཡིད་ཀྱི་མུན་པ་འོད་སྣང་གིས་སེལ་སོང་།
ང་ས་མཐའ་འགྲིམ་པའི་བུ་ཆུང་།
གླུ་སྙན་མོ་ང་ཡི་འགྲོ་རོགས།
མུན་པ་ང་ཡི་སེལ་དགོས།
རི་མཐོན་པོའི་སྟེང་ལ་ང་ཡིས་བསང་ཞིག་ཕུད།
ཆུ་ཆེན་པོའི་འགྲམ་ནས་ང་ཡིས་གླུ་ཞིག་ལེན།
ང་ཡི་ཕ་ཁྱིམ་ནི་གང་འདབས་ཀྱི་སྦྲ་ནག་དེ།
ང་ཡི་རེ་བ་ནི་ཕ་སྐད་ཀྱི་རང་མདངས་དེ།
ཉམ་མི་ཉན་ང་དང་ཁྱོད་ཀྱི་རེ་བ་དེ།
ད་ང་ནས་མགོ་བརྩམ་ང་ཚོ་ལམ་ལ་ཆས།
混音:Hoodie
封面:wx