
ladakhi bhumo
- Genre:Pop
- Year of Release:2024
Lyrics
ལ་དྭགས་ཡུལ་གྱི་མཛེས་པའི་བུ་མོ། ཐུགས་བྲེལ་ཚ་པོ་དེ་འདྲ་ཞིག་མ་གནང་། བཀའ་མོལ་གནང་ནས་འཁྱུག་ཙམ་ཞིག་བཞུགས་དང་། བཞུགས་སེ་ལེ་བཞུགས་སེ་ལེ་མ་གསུང་། ལུང་པ་ཆ་རྒྱུས་མེད་པའི་མི་ལ། ཚིག་གསུམ་ཁ་ཏ་བསླབ་བྱ་ཞིག་གནང་རོགས། རང་ཡུལ་མེད་པའི་འཁྱམ་པོའི་མི་ལ། ཞག་གསུམ་གནས་ཚང་ཞིག་གཡར་རོགས། ལ་དྭགས་ཡུལ་འདི་དེ་འདྲའི་མཛེས་ལ། དེ་ལས་མཛེས་པའི་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ང་གཉིས་མཉེན་སྒྲིག་ཅིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ཕུལ་ཡོད། ལ་དྭགས་ཡུལ་འདི་དེ་འདྲའི་མཛེས་ལ། དེ་ལས་མཛེས་པའི་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ང་གཉིས་མཉེན་སྒྲིག་ཅིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ཕུལ་ཡོད། འོ་་་་་་ མཛེས་མ་མཛེས་མ་དེ་འདྲ་མ་གཟིགས། འོ་་་་་ཞལ་འཛུམ་ཞལ་འཛུམ་དེ་འདྲ་ཞིག་མ་གནང་། འོ་་་་་བུ་མོ་བུ་མོ་ང་འཁྲུལ་མ་བཅུག སླེ་དགོན་པ་མཇལ་ཁ་ལ་འཁྲིད་རོགས། ལབ་རྩེ་ལྷ་གསོལ་གཏང་ག་ལ་འཁྲིད་རོགས། སྤགས་དང་མར་གཉིས་མཉམ་དུ་ལ་མཆོད་རོགས། ཉལ་ཁ་སྒྲུང་སྙན་པོ་བཤད་རོགས། གལ་ཏེ་ང་རང་གཉིད་ཅིག་ལ་ཁུག་ན། ངའི་འགྲམ་པ་བྱུག་བྱུག་ཅིག་གནང་རོགས། གལ་ཏེ་ང་ལ་སྔས་མགོ་ཞིག་དགོས་ན། ཁྱེད་པང་འདི་སྔས་མགོ་ཞིག་གནང་རོགས། ལ་དྭགས་ཡུལ་འདི་དེ་འདྲའི་མཛེས་ལ། དེ་ལས་མཛེས་པའི་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ང་གཉིས་མཉེན་སྒྲིག་ཅིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ཕུལ་ཡོད། ལ་དྭགས་ཡུལ་འདི་དེ་འདྲའི་མཛེས་ལ། དེ་ལས་མཛེས་པའི་ལ་དྭགས་ཀྱི་བུ་མོ། ཁྱེད་དང་ང་གཉིས་མཉེན་སྒྲིག་ཅིག་བྱུང་ན། ངའི་སེམས་པ་ཁྱེད་ལ་ཕུལ་ཡོད། འོ་་་་་་ མཛེས་མ་མཛེས་མ་དེ་འདྲ་མ་གཟིགས། འོ་་་་་ཞལ་འཛུམ་ཞལ་འཛུམ་དེ་འདྲ་ཞིག་མ་གནང་། འོ་་་་་བུ་མོ་བུ་མོ་ང་འཁྲུལ་མ་བཅུག འོ་་་་་་ མཛེས་མ་མཛེས་མ་དེ་འདྲ་མ་གཟིགས། འོ་་་་་ཞལ་འཛུམ་ཞལ་འཛུམ་དེ་འདྲ་ཞིག་མ་གནང་། འོ་་་་་བུ་མོ་བུ་མོ་ང་འཁྲུལ་མ་བཅུག འོ་་་་་བུ་མོ་བུ་མོ་ང་འཁྲུལ་མ་བཅུག
Similar Songs
More from Lotsetan
Listen to Lotsetan ladakhi bhumo MP3 song. ladakhi bhumo song from album ladakhi bhumo is released in 2024. The duration of song is 00:04:44. The song is sung by Lotsetan.
Related Tags: ladakhi bhumo, ladakhi bhumo song, ladakhi bhumo MP3 song, ladakhi bhumo MP3, download ladakhi bhumo song, ladakhi bhumo song, ladakhi bhumo ladakhi bhumo song, ladakhi bhumo song by Lotsetan, ladakhi bhumo song download, download ladakhi bhumo MP3 song